果洛州人民代表大会常务委员会欢迎您!N/A 返回青海省人民代表大会常务委员会门户网站
人大新闻

ཁུལ་དམངས་ཆེན་བརྟག་ཞིབ་ཚོགས་པས་དགའ་བདེ་རྫོང་སྤྱི་ཚོགས་ཉེན་སྲུང་བྱ་བ་སྒྲུབ་པའི་གནས་ཚུལ་ལ་བརྟག་ཞིབ་བྱས།

དགའ་བདེའི་དམངས་ཆེན་བརྡ་འཕྲིན།


ཁུལ་དམངས་ཆེན་བརྟག་ཞིབ་ཚོགས་པས་དགའ་བདེ་རྫོང་སྤྱི་ཚོགས་

ཉེན་སྲུང་བྱ་བ་སྒྲུབ་པའི་གནས་ཚུལ་ལ་བརྟག་ཞིབ་བྱས།

ཟླ་དྲུག་པའི་ཚེས་ལྔ་ཉིན་ཁུལ་དམངས་ཆེན་རྒྱུན་བསྐོས་ཁང་གི་དྲུང་ཡིག་ཆེན་མོ་གཞོན་པ། གཞུང་སྒྲུབ་ཁང་གི་ཀྲུའུ་རིན་གཞོན་པ་མཱ་བུན་ཁྲིན་སོགས་མི་བཞི་དགའ་བདེ་རྫོང་རུ་ཕེབས་ནས། སྤྱི་ཚོགས་ཉེན་སྲུང་བྱ་བ་སྒྲུབ་པའི་གནས་ཚུལ་ལ་བརྟག་ཞིབ་བྱས། བརྟག་ཞིབ་ཚོགས་པའི་ཡུལ་དངོས་དང་ཞུགས་མོལ་ཚོགས་འདུའི་བྱེད་ཐབས་བརྒྱུད་ནས་རང་རྫོང་གི་སྤྱི་ཚོགས་ཉེན་སྲུང་བྱ་བར་རྒྱུས་ལོན་དང་མཛུབ་སྟོན་བྱས། རྫོང་བསྐོས་ཧྲུའུ་ཅི་གཞོན་པ། རྫོང་དཔོན་གཞོན་པ་ཀྲང་ཅན་དཔའ་ཚོགས་འདུར་ཞུགས་ལ་གནས་ཚུལ་ཡར་ཞུ་བྱས། རྫོང་མི་ནུས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་། སྨན་བཅོས་འགན་སྲུང་ཅུས། འཕྲོད་བསྟེན་བདེ་ཐང་ཅུས། འཕེལ་རྒྱས་དང་བསྒྱུར་བཅོས་ཅུས། ཕྱུགས་ལས་ཆུ་བེད་དང་ཚན་རྩལ་ཅུས་བཅས་ཀྱི་འགན་ཁུར་མི་སྣ་ཞུགས་མོལ་ཚོགས་འདུར་ཞུགས། རྫོང་དམངས་ཆེན་རྒྱུན་བསྐོས་ཁང་གི་ཀྲུའུ་རིན་གཞོན་པ་ཀྲང་ཧྲིན་ལུང་གིས་ཚོགས་འདུར་མདོ་འཛིན་བྱས།

ཚོགས་འདུའི་སྟེང་། རང་རྫོང་གི་སྤྱི་ཚོགས་ཉེན་སྲུང་གི་བྱ་བའི་སྙན་ཞུར་གསན་ལ་ལས་ཁུངས་སོ་སོའི་རང་སྡེ་ཁག་གི་སྤྱི་ཚོགས་ཉེན་སྲུང་བྱ་བའི་འགན་ནུས་དང་འབྲེལ་བའི་གླེང་བརྗོད་བྱས་ལ། བརྟག་ཞིབ་ཚོགས་པས་རང་རྫོང་གི་སྤྱི་ཚོགས་འགན་སྲུང་བྱ་བའི་གྲུབ་འབྲས་ལ་གདེང་འཇོག་དང་ཕྱི་བཞུགས་ཀྱི་བྱ་བར་དགོངས་འཆར་དང་རེ་བ་བཏོན།

བརྟག་ཞིབ་ཚོགས་པས་བསྟན་དོན། སྤྱི་ཚོགས་ཉེན་སྲུང་བྱ་བ་ནི་འཚོ་བ་འགན་སྲུང་དང་དམངས་འཚོ་ལེགས་བསྒྱུར་གྱི་འགན་འཁྲི་གལ་ཆེན་ཡིན་ལ། ལས་ཁུངས་ཀྱི་ཁུར་བོ་སྙོམས་སྒྲིག་དང་དཔལ་འབྱོར་བརྟན་བརླིང་ངང་འཁོར་སྐྱོད་བྱེད་པའི་འགན་ནུས་ཆེན་པོ་འཁུར་ཡོད་པས། མི་དམངས་མང་ཚོགས་ཀྱི་ཁེ་ཕན་དངོས་དང་དཔལ་འབྱོར་འཛུགས་སྐྲུན་འཕེལ་རྒྱས་སྲ་བརྟན་ལ་སྲུང་སྐྱོང་བྱེད་པར་འབྲེལ་བ་ཡོད། འབྲེལ་ཡོད་སྡེ་ཁག་གིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་ལག་ལེན་བྱས་ནས་སྤྱི་ཚོགས་ཉེན་སྲུང་འཕེལ་རྒྱས་ཀྱི་དགོངས་དོན་གྱི་རེ་བ་དངོས་དོན་འཁྱོལ་བྱས་ཏེ། འགན་ཁྲིའི་ལྟ་བ་དང་ལས་འགན་གྱི་ལྟ་བ་མཐོར་འདེགས་སྒོས་སྤྱི་ཚོགས་འཕེལ་རྒྱས་དང་མི་དམངས་འགན་སྲུང་འཆར་འགོད་བྱས་ནས་འགན་སྲུང་དང་དམངས་འཚོ་ལེགས་བཅོས་ནི་བྱ་བ་ཡོངས་ཀྱི་འགོ་འཛིན་ས་དང་རྐང་ཚུགས་ས་རུ་འཛིན་དགོས་ཅེས་གསུངས་བ་རེད།

བརྟག་ཞིབ་ཚོགས་ཆུང་གིས་རང་རེའི་རྫོང་གི་སྤྱི་ཚོགས་འགན་བཅོལ་ལས་དོན་ལ་བླང་བྱ་བཏོན་པ་སྟེ། གཅིག་ནས་སྤྱི་ཚོགས་འགན་སྲུང་གི་མཐའ་ཚད་བརྟན་སྲུང་ཐུབ་པ་བྱས་ནས་འབྲེལ་ཡོད་སྡེ་ཚན་ཁག་གིས་གཞོགས་འདེགས་དམ་ཟབ་བྱས་ཏེ་རྒན་གསོ་འགན་བཅོལ་སོགས་ཀྱི་ལམ་ལུགས་མགྱོགས་མྱུར་སྒོས་འཐུས་ཚང་དུ་བཏང་སྟེ་སྤྱི་ཚོགས་འགན་བཅོལ་ཐེབས་རྩའི་དོ་དམ་འཁོར་སྐྱོད་ལམ་ལུགས་ལག་བསྟར་ནན་མོ་བྱས་ནས་མང་ཚོགས་ཀྱི་རྒན་གསོ་འགན་བཅོལ་ལས་དོན་ལ་སྐུལ་འདེད་བརྟན་པོ་གཏོང་དགོས། གཉིས་ནས་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་བྱེད་པའི་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་ཐུབ་པ་བྱས་ནས“བྱ་བ་སྒྲུབ་མི་ཐུབ་པ་”གོང་ཞུ་བྱེད་སའི་སྐར་ཁུང་ཀྱི་སྤྱོད་ཚུལ་འགྱུར་བཅོས་བཏང་ནས། མདུན་ཕྱོགས་ཀྱི་སྐར་ཁུང་མུ་མཐུད་ཏུ་བཀོད་ནས་མང་ཚོགས་ཀྱི་སེམས་ཁྲལ་དང་དཀའ་གནད་སེལ་བ་དང་མྱུར་སྒྲུབ་སྐར་ཁུང་ཞབས་ཞུའི་བྱེད་ནུས་སྔར་བས་ཆེ་རུ་བཏང་སྟེ་མང་ཚོགས་དང་ཁེ་ལས་ལས་དོན་སྒྲུབ་པའི་བརྒྱུད་རིམ་ཁྲོད་ཀྱི་ཐོབ་ཚོར་ཆེ་རུ་གཏོང་དགོས་པ། གསུམ་ནས་སྤྱི་ཚོགས་དྲང་སྙོམས་དྲང་གཞག་གི་ཁྲིམས་སྐྱོང་འགན་སྲུང་ལམ་ལུགས་འཐུས་ཚང་དུ་བཏང་སྟེ། བཅའ་ཁྲིམས་དང་ཁྲིམས་སྲོལ་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ནས། སྤྱི་ཚོགས་འགན་འཁྲི་ཡི་ཐོག་མའི་བསམ་འདུན་བརྟན་སྲུང་དང་། ལས་ཞུགས་ལག་བསྟར་བྱ་རྒྱུ་ནི་དམངས་འཚོའི་རྩ་བ་ཡིན་པ་གཙོ་གནད་དུ་འཛིན་རྒྱུ་མཐའ་འཁྱོངས་བྱས་ནས། ལས་ཞུགས་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ། སྤྱི་ཚོགས་འགན་སྲུང་གི་ཁོངས་གཏོགས་འཛུགས་སྐྱོང་ལ་སྐུལ་འདེད་ཧུར་ཐག་གཏོང་བ་བཅས་བྱེད་དགོས། བཞི་ནས་ལས་རིགས་རྩལ་ནུས་པའི་གསོ་སྦྱོང་ལ་ཤུགས་སྣོན་རྒྱག་པ། ཤེས་ལྡན་མི་སྣའི་དོ་དམ་ལམ་སྲོལ་མུ་མཐུད་འཐུས་ཚང་དུ་གཏོང་བ། ཤེས་ལྡན་མི་སྣ་སྐྱེད་སྲེང་དང་ནང་འདྲེན་གྱི་ཐབས་ལམ་རྒྱ་ཆེར་གཏོང་བ། ཤེས་ལྡན་མི་སྣ་ཐོན་ཐུབ་པ་དང་། ཐོན་ནས་སྡོད་ཐུབ་པ། ཕན་འབྲས་ཐོན་པ་བཅས་ཀྱི་འགན་ལེན་བཅས་བྱེད་དགོས།

བརྟག་ཞིབ་ཚོགས་ཆུང་གིས།ངོས་འཛིན་ཐད་ཀྱི་གནད་དོན་ཐག་གཅོད་བྱས་ནས་ལས་རིགས་ཁག་གིས་སྤྱི་ཚོགས་འགན་བཅོལ་ལས་དོན་ལ་ངོས་འཛིན་བྱེད་ཤུགས་སྔར་བས་ཆེ་རུ་གཏོང་དགོས་པ་དང་། སློབ་སྦྱོང་དང་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་གཏོང་བར།འབྲེལ་ཡོད་སྡེ་ཁག་གིས་

སྤྱི་ཚོགས་འགན་བཅོལ་སྐོར་གྱི་བཅའ་ཁྲིམས་ཀྱི་དང་འབྲེལ་ཡོད་ཆ་འགྲིག་སྲིད་ཇུས་སློབ་སྦྱོང་དང་ཁོང་དུ་ཆུད་པར་བྱ་དགོས། ལས་ཀའི་ཐབས་ཇུས་ལེགས་སུ་གཏོང་བ་དང་།དེ་བས་ནུས་ལྡན་གྱི་ལས་ཀའི་བྱ་ཐབས་ལ་ཤུགས་སྣོན་རྒྱག་པ། སྤྱི་ཚོགས་འགན་བཅོལ་ནང་ཞུགས་ཚད་ཟམ་མི་ཆད་པར་མང་དུ་གཏོང་བ། ལམ་ལུགས་ཁྱོན་ཡོངས་ནས་མི་ཀུན་ལ་ཁྱབ་པའི་འགྱུར་བཅོས་ཡོང་བ་བྱེད་པ། ཆ་འཕྲིན་མཉམ་སྤྱོད་དུ་འགྱུར་བར་སྐུལ་འདེད་དང་དོན་འཁྱོལ་བྱེད་པར་ཤུགས་སྣོན་རྒྱག་པ་དང་། སྤྱི་ཚོགས་འགན་སྲུང་དཔུང་ཁག་འཛུགས་སྐྱོང་བྱེད་པར་ཚད་མཐོའི་མཐོང་ཆེན་བྱ་དགོས་ཤིང་། ལས་སྒྲུབ་མི་སྣའི་གྲངས་ཚད་ཐད་ཀྱི་གནད་དོན་ཐག་གཅོད་བྱ་དགོས་ལ།མི་སྣའི་སྤུས་ཚད་ཐད་ཀྱི་གནད་དོན་ཡང་ཐག་གཅོད་བྱས་ཏེ། དམངས་འཚོ་འགན་སྲུང་གི་སྲིད་ཇུས་ཁག་དོན་འཁྱོལ་ནུས་ལྡན་ཡོང་བར་འགན་ལེན་ཏན་ཏིག་དང་། མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་བདེ་སྐྱིད་ཚོར་སེམས་དང་བདེ་འཇགས་ཚོར་སེམས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས། །



上篇新闻: 州人大常委会开展端午节前集体廉政谈话

下篇新闻: 州人大常委会办公室党支部赴玛沁县当洛乡贡龙村开展乡村振兴调研工作